您现在所在的位置: 首页>学院概况>管理队伍
管理队伍

副院长 多杰东智
发表时间: Dec 5, 2019 阅读数:151【

གནས་ཚུལ་མདོར་བསྡུས།】   

རྡོ་རྗེ་དོན་གྲུབ། ཕོ།  1970ལོར་མཚོ་སྔོན་ཞིང་ཆེན་ཞིན་ཧྭ་རྫོང་དུ་སྐྱེས།1994ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་ཤེས་རམས་པའི་བསླབ་གནས་བླངས་ཤིང་ཕྱིར་སློབ་གྲྭ་དེ་གའི་དགེ་རྒན་བྱས།2004ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་སྐད་བརྡ་རིག་པའི་འབུམ་རམས་པའི་བསླབ་གནས་བླངས།  2018-2019བར་དབྱིན་ཇི་ཨོ་ཀ་སི་ཊའི་གཙུག་ལག་སློབ་གྲྭ་ཆེན་མོ་དང་2012-2013བར་འཇར་མན་ནེའི་མོན་ཆེན་གཙུག་ལག་སློབ་གྲྭ་ཆེན་མོར་རྒྱལ་སྤྱིའི་བོད་རིག་པའི་ཆེད་མཁས་བསྟེན་ནས་ཟབ་སྦྱོང་བྱས།2015-2017བར་བོད་ལྗོངས་གཞིས་ཀ་རྩེའི་དྲུང་ཡིག་གཞོན་པའི་འགན་འཁུར།ད་ལྟ་ནུབ་བྱང་མི་རིགས་སློབ་ཆེན་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་དུ་དགེ་རྒན་གྱི་ལས་ཀ་གཉེར་བཞིན་ཡོད་ཅིང་།  སློབ་དཔོན་ཆེན་མོ་དང་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན།  གླིང་གཙོ་གཞོན་པ་བཅས་ཡིན།།

སློབ་ཁྲིད་གཙོ་བོ།】 

སྐད་བརྡ་རིག་པའི་སྤྱི་བཤད་དང་།  བོད་ཀྱི་བརྡ་སྤྲོད་རིག་པའི་ལོ་རྒྱུས།   ལོ་རྒྱུས་སྐད་བརྡ་རིག་པ།  ཏུན་ཧོང་བོད་ཀྱི་ཡིག་རྙིང་།སྐད་ཆ་འཚོལ་ཞིབ་དང་ཞིབ་འཇུག་སོགས་དངོས་གཞི་དང་ཞིབ་འཇུག་སློབ་མའི་སློབ་ཁྲིད་ཀྱི་འགན་ཁུར་བཞིན་ཡོད།།

ཞིབ་འཇུག་ཁ་ཕྱོགས།

བོད་རྒྱ་སྐད་ཁོངས་སུ་གཏོགས་པའི་སྐད་རིགས་སྤྱི་དང་སྐད་བརྡ་རིག་པ། ཏུན་ཧོང་བོད་ཀྱི་ཡིག་རྙིང་།བོད་ཀྱི་ཡུལ་སྐད། ཡིད་བྱེད་སྐད་བརྡ་རིག་པ། བློ་རིག་དང་རྟགས་རིགས། ཞང་ཞུང་གི་སྐད་དང་ཡི་གེ་བཅས་ཡིན།།

རིག་གཞུང་གྲུབ་འབྲས།

1.དཔྱད་རྩོམ།  ཀྲུང་གོའི་བོད་རིག་པ་དང་།བོད་ལྗོངས་ཞིབ་འཇུག  མི་རིགས་སྐད་ཡིག  ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ།བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་སོགས་རྒྱལ་ནང་གི་དུས་དེབ་གཙོ་བོའི་སྟེང་།ཏུན་ཧོང་བོད་ཀྱི་ཡིག་རྙིང་དང་ཡུལ་སྐད། བོད་སྐད་ཀྱི་ཚིག་གི་བརྡ་སྤྲོད་ཚུལ། བོད་སྐད་དང་རྒྱ་སྐད་ཀྱི་འབྲེལ་བ།  བོད་སྐད་དང་སོག་སྐད་ཀྱི་འབྲེལ་བ།  ཏུན་ཧོང་བོད་ཀྱི་ཡིག་གཟུགས་ཀྱི་ཁྱད་ཆོས། སུམ་རྟགས་ཀྱི་ཁྱད་ཆོས།  བཙན་པོའི་རྒྱལ་རབས་ཀྱི་བཙན་པོ་དང་བཙུན་མོ། བློན་ཆེན་པོ།བློ་རིག་དང་རྟགས་རིགས་སོགས་དང་འབྲེལ་བའི་རིག་གཞུང་དཔྱད་རྩོམ་༥༠་ལྷག་སྤེལ།།

2.ཆེད་རྩོམ།  སེམས་ཁམས་རིག་པ།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ལོར་དཔར། ཏུན་ཧོང་བོད་ཀྱི་གཏེར་ཡིག་ལས་མཐའ་གཅོད་པའི་ཚིག་གི་ཁྱད་ཆོས་བརྗོད་པ་ཐོན་མིའི་ཞལ་འཛུམ།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༥ལོར་དཔར། ཨ་མདོ་ཡུལ་སྐད་ཀྱི་བྱ་ཚིག་གི་ཁྱད་ཆོས་བརྗོད་པ་ཐོན་མིའི་རྗེས་འབྲངས།མི་རིགས་དཔེ་སྐྲུང་ཁང་།༢༠༡༨ལོར་དཔར། ཨ་མདོ་ཡུལ་སྐད་ཀྱི་ཐ་སྙད་ཞིབ་འཇུག རྒན་དཔའ་མཁར་དང་མཉམ་དུ་བྲིས།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།༢༠༠༢ལོར་དཔར།བོད་ཀྱི་སྐད་དང་ཡི་གེར་ཞིབ་འཇུག་གི་ལོ་རྒྱུས། ཆམ་ཚང་བད་མ་ལྷུན་གྲུབ་དང་མཉམ་དུ་བྲིས།སྤྱི་ཚོགས་ཚན་རིག་ཡིག་ཚགས་ཁང་གིས་༢༠༡༢ལོར་དཔར་ཏུ་བཏབ་པ་ལ་སོགས་པའོ།།

3.ལས་གཞི།  ཏུན་ཧོང་བོད་ཀྱི་གཏེར་ཡིག་དང་ཨ་མདོ་ཡུལ་སྐད་ཅེས་པའི་རྒྱལ་ཁབ་རིམ་པའི་ལས་གཞི་༡་ལ་འགོ་བཟུང་བ་དང་།  ཏུན་ཧོང་གཏེར་ཡིག་ལས་མཐའ་གཅོད་པའི་ཚིག་གི་ཞིབ་འཇུག་ཅེས་པའི་རྒྱལ་ཁབ་སློབ་གསོ་པུའུ་ལས་གཞི་༡་ལ་འགོ་བཟུང་བ་དང་།  ཀྲུང་ཧྭ་མི་རིགས་ཀྱི་གཏམ་དཔེ་འཚོལ་སྡུད་དང་ཞིབ་འཇུག་ཅེས་པའི་རྒྱལ་ཁབ་ཀྱི་ལས་གཞི་ཆེན་མོའི་ཡན་ལག་གི་ལས་གཞི་༡་ལ་འགོ་བཟུང་བ་དང་།   ཏུན་ཧོང་གཏེར་ཡིག་ལས་ཞང་ཞུང་གི་སྐད་དང་ཡི་གེ་ལ་དཔྱད་པ་ཞེས་པའི་རྒྱལ་ཁབ་རིམ་པའི་ལས་གཞི་གཙོ་གནད་༡་ལ་འགོ་འཛིན་པ་བཅས་སོ།།

སྤྱི་ཚོགས་ཞོར་འགན།

རྒྱལ་སྤྱིའི་སྐད་གཉིས་ཚོགས་པའི་ཚོགས་མི།  ཀྲུང་གོའི་མི་རིགས་སྐད་ཡིག་ཞིབ་འཇུག་ཚོགས་པའི་ཚོགས་མི།  སྐད་གཉིས་སློབ་གསོའི་ཞིབ་འཇུག་དུས་དེབ་དང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་རྩོམ་སྒྲིག་གྱི་ཚོགས་མི།རྒྱལ་སྤྱིའི་བོད་ཀྱི་ཏུན་ཧོང་གཏེར་ཡིག་ཞིབ་འཇུག་ཚོགས་པའི་ཚོགས་མི་བཅས་ཡིན།།

【个人简介】

多杰东智,男,藏族,1970年6月生,青海循化县人。1994年西北民族大学毕业后留校任教。2004年中央民族大学文学(语言学)博士毕业,2018-2019英国牛津大学访学,2012-2013德国慕尼黑大学客座研究员,2015-2017日喀则市委副秘书长。现为西北民族大学藏语言文化学院语言学教授,硕士生导师,副院长。

【开设课程】

《语言学概论》、《敦煌古藏文文献》、《藏语语言学史研究》、《历史语言学》、《语言调查与研究》等硕本教学任务。

【研究方向】

汉藏语系语言、敦煌古藏文文献、古代藏文字体、象雄语言文字、藏语语法及方言研究等。

【科研成果】

1.论文:先后在《中国藏学》、《西藏研究》、《民族语文》、《中央民族大学学报》、《西藏大学学报》、《青海民族研究》等学术期刊上发表“敦煌古藏文与藏语安多方言中格助词及虚词的特殊性及其历史演变”,“谈敦煌文献P.T.1288中的‘gnag-ling’一词的实际含义及其相关问题”,“青海蒙古语中的藏语借词研究”,“藏语久治话的音位系统及其语音的历史演变”等学术论文50篇。

2.著作:《敦煌古藏语句型研究》,西藏人民出版社2015年12月出版;《心理学教程》,甘肃民族出版社2005年12月出版;《藏语安多方言动词自主非自主研究》,民族出版社2108年12月出版;《藏语语言文字研究史》(汉文)与完玛冷智合写,社会科学文献出版社2014年4月出版;《藏语安多方言词汇》(汉文)与华侃老师编写,甘肃民族民族出版社2002年6月出版等5部。

3.项目:主持国家社科基金项目《敦煌古藏文与藏语安多方言语法比较研究》1项,主持国家教育部项目《敦煌古藏文判断句研究》1项,主持国家社科基金冷门绝学重点项目《敦煌古藏文中象雄语言文字研究》1项,主持国家重大项目《中华多民族谚语整理与研究》子课题1项。

【社会兼职】

国际双语学术研究会会员,中国民族语言研究会会员,《双语教育研究》(汉文)及《西北民族大学学报》(藏文)编委委员。

 


】【打印繁体】【关闭
分享到QQ空间
分享到: 

Copyright©2019 Inc. All Rights Reserved. 西北民族大学 版权所有 办公室电话:0931-2938178 地址:甘肃省兰州市西北新村1号