您现在所在的位置: 首页>学院概况>管理队伍
管理队伍

副院长 英加布
发表时间: Dec 5, 2019 阅读数:84【

 

གནས་ཚུལ་མདོར་བསྡུས།

རྭ་ཡུམ་སྐྱབས་ནི་ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་དགེ་རྒན་ཆེན་མོ་དང་གླིང་གཙོ་གཞོན་པ་ཡིན།དེ་སྔ་ནུབ་བྱང་མི་རིགས་སློབ་ཆེན་དུ་བོད་ཀྱི་སྐད་ཡིག་དང་རྩོམ་རིག་གི་ཤེས་རམས་པ་ (2000)དང་ལན་གྲུ་སློབ་ཆེན་དུ་མི་རིགས་རིག་པའི་འབུམ་རམས་པ་(2013)ཐོན་ཞིང་། གཞན་ཡང་རྩིས་འཁོར་དང་དབྱིན་ཡིག  སྤྱི་ཚོགས་རིག་པ་སོགས་ཆེད་ལས་གསར་བ་སྦྱོང་བར་སྔ་ཕྱིར་ཀྲུང་གོའི་ཚན་རྩལ་སློབ་ཆེན་(2001)དང་། ཞི་ཨན་ཕྱི་ཡིག་སློབ་ཆེན། (2005) སུད་སི་ཛུ་རིག་གཙུག་ལག་སློབ་ཆེན་(2006-2007)བཅས་སུ་སློབ་གཉེར་བྱས།

རིག་གཞུང་གྲུབ་འབྲས།

རྒྱལ་ཁབ་རིམ་པ་སོགས་ཀྱི་ལས་གཞིའི་གྲས་སུ་ཆེན་པོ་བོད་ཀྱི་ཡུལ་ལྷ་གཞི་བདག་དང་ལུང་ཤོག་ཚོ་བའི་རྣམ་གཞག་གསལ་བར་བྱེད་པའི་བསྟན་བཅོས་ཆོས་སྲིད་ལྷན་པོའི་མཛེས་རྒྱན་དང་།(2014) བོད་ཀྱི་ངག་རིག་རྣམ་གཞག་རིན་ཆེན་གསེར་གྱི་ཕྲེང་བ་(2014)སོགས་བསྒྲུབས་ཤིང་། གནའ་རྫས་དུས་དེབ་དང་། ཀྲུང་གོའི་བོད་རིག་པ། འཛམ་གླིང་ཆོས་ལུགས་རིག་གནས་དུས་དེབ་སོགས་སུ་བོད་རྒྱ་དབྱིན་གསུམ་གྱི་སྐད་དུ་རིག་གཞུང་ཞིབ་འཇུག་གི་ཆེད་རྩོམ་བཅུ་ཕྲག་ལྷག་སྤེལ་ཞིང་།མཉམ་རྩོམ་ཆེད་དེབ་གཅིག་དང་འགྱུར་དེབ་གསུམ་དཔར་བསྐྲུན་བྱས། 2015ལོ་ཚུན་ཆད་དུ། བོད་ཀྱི་སྲོལ་རྒྱུན་ངག་ཐོག་རིག་གནས་དེབ་ཕྲེང་(དེབ3) དང་། བོད་ཀྱི་ངག་རིག་དཔེ་ཚོགས། (དེབ10) དེང་རབས་དཔལ་འབྱོར་རིག་པ་དོ་དམ་རིག་པའི་བོད་འགྱུར་སློབ་དེབ་དཔེ་ཚོགས།(དེབ4) བྱིས་སྐྱོང་ཁང་གི་སློབ་དེབ་(དེབ36) བཅས་རྩོམ་སྒྲིག་དཔར་བསྐྲུན་བྱས།

སློབ་ཁྲིད་གཙོ་བོ།

དངོས་གཞི་འཛིན་གྲྭའི་དཔེ་ཁྲིད་གཙོ་བོ་སྤྱི་ཚོགས་རིག་པ་(2007-)དང་ཡུལ་སྲོལ་རིག་པ་(2012-)གཉིས་ཡིན་ཞིང་། ཞར་ལ་བོད་ཀྱི་གནའ་རྩོམ་ལེགས་ཀློག་ཅེས་པ་ཡོད།ཞིབ་འཇུག་སློབ་མའི་འཛིན་གྲྭར་བོད་ཀྱི་སྤྱི་ཚོགས་དང་རིག་གནས། ཡུལ་སྲོལ་ཞིབ་འཇུག་ཅེས་པ་དཔེ་ཁྲིད་བྱས་དང་བྱེད་བཞིན་ཡོད།

【个人简介】

英加布 (RawYumjeap),男,甘肃碌曲人。现为西北民族大学藏语言文化学院教授、副院长、兰州大学民族学·藏学博士。

先后在西北民族大学(1996-1999年)、中国科技大学(2000-2001年)、西安外国语大学(2005年)、瑞士苏黎世大学(2006-2007年)、兰州大学(2008-2013年)就读和访学。

主持完成《藏族山神信仰体系与地域社会之关系研究》(2014)、《藏族口传文化研究》(2014)等国家社科基金项目、教育部人文社科项目、国家自然科学基金项目子课题各一项。在德国波恩大学(2006)、不丹皇家大学(2011)和日本神户大学(2012)等地参加相关国际学术会议。

科研成果

先后在《文物》、《中国藏学》、《中国民族学》、《世界宗教文化》、《宗教人类学》、《西藏研究》等刊物发表藏、汉、英文学术论文和译文数十篇,合作专著1部,译著3部。自2015年来,编著《口头传统与藏族文明丛书》(共3,2015)、《藏族口头民俗文化丛书》(共10,2017)、《现代经济学管理学教科书系列藏译丛书》(共4,2018)、藏区首套《幼儿教育》(36,2019)等。

开设课程

本科生课程主要为《社会学》、《民俗学》、《藏族经典文选》,研究生课程为《藏族社会与文化》、《藏族民俗专题研究》、《西北民族文化》。

 

    



】【打印繁体】【关闭
分享到QQ空间
分享到: 

Copyright©2019 Inc. All Rights Reserved. 西北民族大学 版权所有 办公室电话:0931-2938178 地址:甘肃省兰州市西北新村1号