您现在所在的位置: 首页>学院概况>管理队伍
管理队伍

党委副书记、院长 万玛项欠
发表时间: Oct 8, 2016 阅读数:1360【

གནས་ཚུལ་མདོར་བསྡུས།

འབའ་སྟོད་པདྨ་དབང་རྒྱལ། ཤེས་རམས་པའི་བསླབ་གནས། སློབ་དཔོན་ཆེན་མོ།ཤེས་རམས་པའི་མཛུབ་སྟོན་དགེ་རྒན། ཀྲུང་གུང་ཏང་ཡོན། ༡༩༨༤ལོའི་ཟླ༩པར་ནུབ་བྱང་མི་རིགས་སློབ་གླིང་གི་ཀྲུང་གོའི་གྲངས་ཉུང་མི་རིགས་སྐད་ཡིག་སྡེ་ཁག་ཏུ་བོད་ཀྱི་སྐད་ཡིག་རྩོམ་རིག་ཆེད་ལས་སུ་རྒྱུགས་འཕྲོད་དེ་སློབ་གཉེར་བྱས།༡༩༨༨ལོར་སློབ་མཐར་ཕྱིན་ཏེ་བསླབ་རིམ་པའི་མཚན་གནས་བླངས་ཤིང་སློབ་གྲྭ་དེ་གར་དགེ་རྒན་གྱི་ལས་སུ་ཞུགས།༡༩༩༡ལོའི་ཟླ༩བ་ནས་༡༩༩༤ལོའི་ཟླ༦པའི་བར་ནུབ་བྱང་མི་རིགས་སློབ་གླིང་གི་ཀྲུང་གོའི་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག་གི་ཆེད་ལས་སྦྱངས་ཏེ་སློབ་མཐར་ཕྱིན་ཅིང་རྩོམ་རིག་ཤེས་རམས་པའི་བསླབ་གནས་ཐོབ།༡༩༩༥ལོར་འཆད་ཁྲིད་དགེ་རྒན་གྱི་འགན་འཁུར།༡༩༩༨ལོ་ནས༢༠༠༠ལོར་ནུབ་བྱང་མི་རིགས་སློབ་གླིང་གི་ན་གཞོན་རིག་ཚན་སྣེ་ཁྲིད་པར་བདམས།༡༩༩༤ལོ་ནས༢༠༠༠ལོའི་ཟླ༨པའི་བར་དུ་ནུབ་བྱང་མི་རིགས་སློབ་གླིང་བོད་ཡིག་སྡེ་ཁག་གཞུང་ལས་ཁང་གི་ཀྲུའུ་རིན་གྱི་འགན་ཟུར་དུ་འཁུར།༢༠༠༠ལོའི་ཟླ༩པ་ནས༢༠༠༢ལོའི་ཟླ༦པའི་བར་དུ་ཀྲུང་གོའི་ཚན་རྩལ་སློབ་ཆེན་དུ་སློབ་གཉེར་བྱས།༢༠༠༢ལོའི་ཟླ༦ཚེས༡༤ཉིན་ནས་ཚེས༢༩བར་ལ་མཚོ་སྔོན་དུ་བོད་ཀྱི་དམངས་ཁྲོད་རིག་གནས་འཚོལ་བསྡུ་ཐབས་ལམ་གྱི་གསབ་སྦྱོང་འཛིན་གྲྭར་ཞུགས།༢༠༠༣ལོ་ནས་༢༠༡༢ལོའི་བར་སྔ་རྗེས་སུ་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་བོད་རྒྱ་སྐད་གཉིས་བཟོ་ཚོང་དོ་དམ་སློབ་དཔྱོད་ཁང་དང་རྩོམ་རིག་སློབ་དཔྱོད་ཁང་གི་ཀྲུའུ་རིན་གྱི་འགན་འཁུར།༢༠༡༢ལོའི་ཟླ༡པོ་ནས༢༠༡༨ལོའི་ཟླ༥པའི་བར་དུ་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་གླིང་གཙོ་གཞོན་པའི་འགན་འཁུར།༢༠༡༨ལོའི་ཟླ༦པ་ནས་བཟུང་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་གླིང་གཙོའི་འགན་འཁུར།

སློབ་ཁྲིད་གཙོ་བོ།


«བོད་ཀྱི་དམངས་ཁྲོད་རྩོམ་རིག» «ཚིག་རྒྱན་རིག་པ།» «བོད་ཀྱི་དམངས་ཁྲོད་རྩོམ་རིག་ཞིབ་འཇུག» «དམངས་ཁྲོད་རྩོམ་རིག་ཞིབ་འཇུག» «རྩོམ་རིག་གཞུང་ལུགས་ཀྱི་ཞིབ་འཇུག་དང་ཐབས་ལམ།» «རྩོམ་འཇུག་རིག་གཞོན་དགའ་རྩལ།» «བོད་ཀྱི་དུས་རབས་རིམ་བྱུང་གི་རྩོམ་ཡིག་གཅེས་བསྡུས།» «གེ་སར་རྩོམ་རིག» «ཁྲོམ་རའི་ཉོ་ཚོང་རིག་པ།» «མི་ཤུགས་ཐོན་ཁུངས་དོ་དམ།»སོགས་བསླབ་ཚན་གྱི་སློབ་ཁྲིད་གནང་བ་དང་། དེ་ལས«བོད་ཀྱི་དམངས་ཁྲོད་རྩོམ་རིག»གི་སློབ་ཁྲིད་དེ༢༠༠༧ལོའི་ནུབ་བྱང་མི་རིགས་སློབ་ཆེན་གྱི་ཚད་ལྡན་སློབ་ཁྲིད་ཀྱི་གྲས་སུ་བདམས་ཐོན་བྱུང་།༢༠༠༨ལོར་ཀན་སུའུ་ཞིང་ཆེན་གྱི་ཚད་ལྡན་སློབ་ཁྲིད་དུའང་བདམས།༢༠༡༣ལོར་སློབ་གསོ་པུའུ་ཡི་རྒྱལ་ཁབ་རིམ་པའི་ཚད་ལྡན་གྱི་ཡོངས་གྲགས་སློབ་ཁྲིད་ཀྱི་གྲས་སུ་ཚུད།

རིག་གཞུང་གྲུབ་འབྲས།

1.རིག་གཞུང་དཔྱད་རྩོམ།

གསར་རྩོམ་གནང་བའི«བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསར་འདྲེན་པའི་སྐྱ་རེངས་ཞེས་བྱ་བ།»དེ་༢༠༠༥ལོའི་ཟླ༡པོར་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས།«བོད་ཀྱི་དམངས་ཁྲོད་རྩོམ་རིག་གཅེས་བསྡུས་དང་དེ་དག་གི་ཕྲན་དཔྱད།»ཅེས་པ་དེ་༢༠༡༠ལོའི་ཟླ༧པར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས། «ཚིག་རྒྱན་རིག་པའི་བསླབ་གཞི།» ༢༠༡༨ལོའི་ཟླ༡པོར་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས།འགྱུར་དེབ«ཁྲོམ་རའི་ཚོང་གཉེར་གྱི་དོ་དམ།གཞུང་ལུགས་དང་ཐབས་ཇུས།»ཞེས་པ་དེ་ ༢༠༡༨ལོའི་ཟླ༡༢པར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས།ད་དུང་སྔ་རྗེས་སུ«ཀྲུང་གོ་བོད་རིག་པ»དང་ «བོད་ལྗོངས་ཞིབ་འཇུག»«བོད་ཀྱི་དམངས་སྲོལ་རིག་གནས་ཞིབ་འཇུག»སོགས་རིག་གཞུང་དུས་དེབ་ཁག་ཏུ་བོད་ཀྱི་ལྷ་སྒྲུང་གི་བྱུང་འཕེལ་དང་དེའི་ཁྱད་ཆོས།རིག་གནས་ཀྱི་དོན་སྙིང་དང་གྲུབ་ཚུལ་སྐོར་རགས་ཙམ་གླེང་བ།སྤྱི་ཚོགས་རིག་གནས་ཀྱི་གལ་ཆེན་རང་བཞིན་དང་དེའི་ཁྱད་ཆོས་གླེང་བ།དམངས་ཁྲོད་རྩོམ་རིག་གི་བྱུང་བ་དང་འབྲེལ་ཡོད་ཀྱི་གནད་དོན་ཁ་ཤས། སློབ་ཆེན་ཚིག་རྒྱན་རིག་པའི་སློབ་ཁྲིད་སྐོར་གྱི་བསམ་འཆར།བཙན་པོའི་སྲིད་དབང་ཉམས་དམས་སུ་འགྱུར་རྐྱེན་སྐོར་ལ་དཔྱད་པ།བོད་ཀྱི་དམངས་ཁྲོད་དོན་བརྗོད་སྙན་རྩོམ་རིང་མོའི་ནང་དོན་དང་དབྱེ་བའི་སྐོར་གྱི་ཞིབ་འཇུགབོད་ཀྱི་དམངས་ཁྲོད་གཏམ་རྒྱུད་ཀྱི་དབྱེ་བ་དང་ཁྱད་ཆོས་སྐོར་རགས་ཙམ་གླེང་པ་སོགས་ཀྱི་རིག་གཞུང་དཔྱད་རྩོམ་ཉི་ཤུ་ལྷག་སྤེལ།

2.ལས་གཞི་སྐོར་གྱི་གྲུབ་འབྲས།

༡.༢༠༠༥ལོ་ནས༢༠༠༦ལོའི་བར་དུ«བོད་ཀྱི་དམངས་ཁྲོད་རྩོམ་རིག»གི་རིག་ཚན་འཛུགས་སྐྲུན་གྱི་ཞིབ་འཇུག་དང་ལག་ལེན་གྱི་ལས་གཞིར་སྣེ་ཁྲིད་བྱས།

༢.༢༠༠༤ལོ་ནས༢༠༠༧ལོར་གེ་སར་དང་བོད་ཀྱི་དམངས་ཁྲོད་རིག་གནས་ཞིབ་འཇུག་གི་ལས་གཞིར་ཞུགས།

.༢༠༠༥ལོ་ནས༢༠༠༦བར་བོད་ཀྱི་ཚིག་རྒྱན་རིག་པའི་ཚིག་རྒྱན་སྦྱོར་ཚུལ་གྱི་དབྱེ་བ་ཞིབ་འཇུག་ཅེས་པའི་ལས་གཞིར་ཞུགས།

༤.༢༠༠༧ལོ་ནས་བཟུང་སྟེ«བོད་ཀྱི་དམངས་ཁྲོད་རྩོམ་རིག»གི་སློབ་གྲྭ་རིམ་པའི་སློབ་ཁྲིད་སྒྲིག་འཛུགས་ཀྱི་ལས་གཞི་ལ་སྣེ་ཁྲིད་མཛད།

༥.༢༠༠༩ནས་༢༠༡༡ལོའི་བར་དུ་ཨ་མདོ་བོད་ཀྱི་དམངས་ཁྲོད་དོན་བརྗོད་སྙན་རྩོམ་རིང་མོ་འཚོལ་བསྡུ་ལེགས་སྒྲིག་དང་ཁྱབ་ཁོངས་ཞིབ་འཇུག་ཅེས་པའི་ལས་གཞིའི་སྣེ་ཁྲིད་མཛད།

༦.༢༠༡༣ནས་༢༠༡༨ལོའི་བར་དུ་རྒྱལ་ཁབ་རིམ་པའི་སྤྱི་ཚོགས་ཚན་རིག་གི་ལས་གཞི་སྟེ།ཀན་སུའུ་དང་མཚོ་སྔོན། སུ་ཁྲོན་ཕྱོགས་ཀྱི་བོད་པའི་དམངས་ཁྲོད་རིག་གནས་བང་མཛོད་དཔར་སྐྲུན་ཞེས་པའི་ལས་གཞིར་ཞུགས།

༧.བོད་ཀྱི་རྩོམ་རིག་སློབ་ཁྲིད་ཚོགས་པའི་འཛུགས་སྐྲུན་ཞེས་པའི་སློབ་གྲྭ་རིམ་པའི་སློབ་གསོ་ལེགས་བཅོས་ཀྱི་་ལས་གཞིར་སྣེ་ཁྲིད་མཛད།

༨.༢༠༡༤ལོ་ནས༢༠༡༥ལོའི་ཞིབ་འཇུག་སློབ་མའི་དཔེ་སྟོན་རང་བཞིན་གྱི་བསླབ་ཚན་འཛུགས་སྐྲུན་དང་སློབ་གྲྭ་རིམ་པའི་བསླབ་གཞི་བཅོས་བསྒྱུར་གྱི་ལས་གཞི་ལ་སྣེ་ཁྲིད་མཛད།༢༠༡༨ལོ་ནས༢༠༡༩ལོའི་བར་བོད་ཀྱི་དམངས་ཁྲོད་སྲོག་ཆགས་ཀྱི་གཏམ་རྒྱུད་རིགས་དབྱེའི་ཞིབ་འཇུག་གི་སློབ་གྲྭ་རིམ་པའི་ལས་གཞིར་སྣེ་ཁྲིད་མཛད།༢༠༡༩ལོ་ནས༢༠༢༠ལོར་བོད་ཀྱི་ཚིག་རྒྱན་རིག་པའི་ཕུལ་བྱུང་བསླབ་ཚན་འཛུགས་སྐྲུན་ཞེས་པའི་སློབ་གྲྭ་རིམ་པའི་སློབ་གསོ་ལེགས་ཀྱི་ལས་གཞིར་ཞུགས།

གཟེངས་བསྟོད་ཀྱི་གནས་ཚུལ།

 

༢༠༠༡ལོའི་ཟླ༡པོར་ཁོང་ཉིད་ཀྱིས་ལོ་ཙཱའི་འགན་གནང་པའི་བརྙན་འཕྲིན་«འོས་འགན»ཞེས་པར་སྐབས་ལྔ་བའི་གསེར་ཟམ་རྟགས་མའི་ཆེད་དོན་བརྙན་འཕྲིན་ཨང་གསུམ་པའི་བྱ་དགའ་ཐོབ།

༢༠༠༤ལོའི་ཟླ་༡༡་པརབོད་ཀྱི་དམངས་ཁྲོད་རྩོམ་རིག་བསླབ་ཚན་འཛུགས་སྐྲུན་ཞེས་པར་སློབ་གྲྭ་རིམ་པའི་སློབ་ཁྲིད་གྲུབ་འབྲས་ཨང་དང་པོའི་བྱ་དགའ་ཐོབ།

༢༠༠༥ལོའི་ཟླ༥པར་བོད་ཀྱི་དམངས་ཁྲོད་རྩོམ་རིག་བསླབ་ཚན་འཛུགས་སྐྲུན་ཞེས་པར་ཀན་སུའུ་ཞིང་ཆེན་རིམ་པའི་སློབ་ཁྲིད་གྲུབ་འབྲས་ཨང་གསུམ་པའི་བྱ་དགའ་ཐོབ།

༢༠༠༦ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ན་གཞོན་དགེ་རྒན་ཕུལ་བྱུང་ཅན་གྱི་མཚན་སྙན་ཐོབ།རྩོམ་གནང་མཛད་པའི་«བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསར་འདྲེན་པའི་སྐྱ་རེངས་ཞེས་བྱ་བ»ལ་༢༠༠༦ལོའི་ཀན་སུའུ་ཞིང་ཆེན་གྱི་སློབ་གྲྭ་ཆེན་མོའི་སྤྱི་ཚོགས་ཚན་རིག་གི་གྲུབ་འབྲས་ཨང་གཉིས་པའི་བྱ་དགའ་ཐོབ་ཅིང་༢༠༠༩ལོའི་ཟླ༩པར་རྒྱལ་ཁབ་སློབ་གསོ་པུའུ་ཡི་སློབ་གྲྭ་ཆེན་མོའི་སྤྱི་ཚོགས་ཚན་རིག་གི་གྲུབ་འབྲས་ཨང་གསུམ་པའི་བྱ་དགའ་ཐོབ།༢༠༡༣ལོ་ནས༢༠༡༨ལོའི་བར་དུ་དངོས་གཞི་ཚན་རིག་ཞིབ་འཇུག་གི་ཕུལ་བྱུང་མཛུབ་སྟོན་དགེ་རྒན་གྱི་བྱ་དགའ་ཐེངས་མང་པོར་ཐོབ། «བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསར་འདྲེན་པའི་སྐྱ་རེངས་ཞེས་བྱ་བ»ལ༢༠༡༢ལོར་སྐབས་གསུམ་པའི་ཀན་སུའུ་དམངས་ཁྲོད་རིག་རྩོམ་རིག་ལག་མཉེ་མེ་ཏོག་རྟགས་མའི་རིག་གཞུང་བྱ་དགའ་ཐོག་མ་ཐོབ། ༢༠༡༩ལོར«བོད་ཀྱི་དམངས་ཁྲོད་རྩོམ་རིག»གི་སློབ་ཁྲིད་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་ཁྲིད་གྲུབ་འབྲས་ཀྱི་ཨང་དང་པོའི་བྱ་དགའ་ཐོབ་པ་བཅས་སོ།།

 

 

 

【个人简介】

万玛项欠,男,藏族,硕士,教授,硕士生导师,中共党员。1984年9月考入西北民族学院少语系藏语言文学专业,1988年6月毕业,获学士学位,同年留校任教;1991年9月至1994年6月在西北民族学院藏语言文学系在职攻读硕士研究生,获文学硕士学位;1995年被聘为讲师;1998年至2000年被评为西北民族学院中青年学科带头人;1994年低至2000年8月间担任西北民院藏语系办公室主任职务;2000年9月至2002年6月在中国科技大学进修;2002年6月14日至29日在青海参加“藏族民间文化搜集方法培训班”;2003年至2012年前后担任过藏语言文化学院藏汉双语工商管理教研室和文学教研室主任工作;2012年1月至2018年5月间担任藏语言文化学院副院长职务;2018年6月起担任藏语言文化学院院长职务。

【主讲课程】

《藏族民间文学》、《古典诗学》、《藏族民间文学研究》、《民间文学研究》、《文学理论研究与方法》、《藏文写作学》、《藏族历代文学作品选》、《格萨尔文学》、《市场营销学》和《人力资源管理》等课程的教学工作。所主讲的《藏族民间文学》课程于2007年被列为西北民族大学精品课程;2008年被列为甘肃省级精品课程;2013年被列为教育部国家精品视频公开课程。

【学术论著】

主持撰写的《藏族民间文学概论》于2005年1月由民族出版社出版发行;主持撰写的《藏族民间文学作品选析》于2010年7月由甘肃民族出版社出版发行;参与完成的《修辞学教材》于2018年1月由民族出版社出版发行;译著《市场营销管理:理论与策略》于2018年12月由甘肃民族出版社出版发行。前后在《中国藏学》、《西藏研究》、《藏族民俗文化研究》等学术期刊上发表了略谈藏族神话的产生、发展及其特点;试论文化的内涵及其构成;论社会文化的重要性及其特征;民间文学的起源与相关若干问题;大学藏语修辞教学方法之我见;吐蕃政权崩溃原因考释等学术论文;藏族民间叙事长诗的内容及其分类研究;试论藏族民间故事的分类及其特征等学术论文二十余篇。

【承担或参与项目】

1、《藏族民间文学概论》课程建设的研究与实践,2005-2006年度(主持);

2、格萨尔与藏族民间文化研究,2004-2007年度(参与);3、藏文修辞学修辞方法分类依据研究,2005-2006年度(参与);4、2007年起主持《藏族民间文学》校级名课建设项目;5、安多藏族民间叙事长诗搜集、整理及其地理分布研究,国家社科,2009-2011年度,(主持);6、甘青川藏族民间文化汇典,国家社科项目,2013-2018年度(参与);7、藏族文学教学团队,校级教改项目2014-2015年度(主持);8、研究生示范性课程建设,校级教改项目2014-2015年度(主持);藏族民间动物故事分类研究,校级项目,2018-2019年度(主持);藏语言修辞学,校级教改项目,2017.12-2020.12(参与)。

【获奖情况】

2001年1月《使命》获第五届金桥奖(对外影视)电视专题片三等奖(国家)本人承担翻译工作;2004年11月“藏族民间文学课程建设”获 校级教学成果一等奖,2005年5月“藏族民间文学课程建设” 获省级教学成果二等奖(主持);2006年10月获西北民族大学青年教师成才奖;《藏族民间文学概论》于2006年7月获甘肃省高校社科成果二等奖;《藏族民间文学概论》于2009年9月获教育部高校社科成果三等奖;2013年至2018年多次获本科科研创新项目优秀指导教师奖;《藏族民间文学概论》于2012年荣获第三届甘肃民间文艺百合花奖·首届学术理论奖,优秀奖。

 


】【打印繁体】【关闭
分享到QQ空间
分享到: 

Copyright©2019 Inc. All Rights Reserved. 西北民族大学 版权所有 办公室电话:0931-2938178 地址:甘肃省兰州市西北新村1号