您现在所在的位置: 首页>学院概况>青年教师
青年教师

王藏毛草
发表时间: May 13, 2015 阅读数:2401【

 

གནས་ཚུལ་མདོར་བསྡུས།

བཟང་མོ་འཚོ་ནི་སྤྱི་ལོ༡༩༧༨ལོར་ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རིགས་རང་སྐྱོང་རྫོང་གི་ཨ་བསེ་སྡེ་བར་སྐྱེས།རང་ལོ་བདུན་གྱི་སྟེང་ནས་ཨ་བསེ་སློབ་ཆུང་དུ་ཞུགས་ཏེ་ཀ་ཁའི་དབུ་ཁྱུད་ཐོག་མར་འབྲི་མགོ་བརྩམས།དེ་ནས་ལོ་ངོ་དྲུག་གི་རིང་ལ་བཀའ་དྲིན་འཛད་མཐའ་བྲལ་བའི་དྲིན་ཅན་ཕ་མ་དང་དགེ་བའི་བཤེས་གཉེན་དུ་མའི་བྱམས་སྐྱོང་འོག  རྒྱ་བོད་ཀྱི་སྐད་ཡིག་ལ་རྨང་གཞི་ལེགས་པོ་ཞིག་བཏིང་རྗེས་སློབ་མཐར་ཕྱིན།༡༩༩༢ལོར་དཔའ་རིས་རྫོང་མི་རིགས་སློབ་འབྲིང་དུ་ཞུགས་ནས་མི་ལོ་དྲུག་གི་རིང་ལ་དཔའ་རིས་མཆོག་གྲུབ་སོགས་དགེ་རྒན་དམ་པ་དུ་མའི་ཞབས་ལ་བཏུད་ནས་དམའ་འབྲིང་དང་མཐོ་འབྲིང་གི་བསླབ་བྱ་མ་ལུས་པ་སྦྱངས་མཐར་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་སྨིན་ཏེ།  ༡༩༩༨ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་འགྲོ་བའི་སྐལ་བ་ལྡན།དེ་ནས་བགྲང་བྱ་བཞིའི་རིང་ལ་དགེ་བའི་བཤེས་གཉེན་ཆེན་པོ་དོར་ཞི་གདོང་དྲུག་སྙེམས་བློ་མཆོག་དང་དཔའ་རིས་སངས་རྒྱས་ཚང་།རྒན་ཧྭ་ཁན་ཚང་སོགས་ཀྱི་མདུན་ནས་བོད་རྒྱའི་རིག་གནས་ལ་འབད་བརྩོན་ཆེན་པོ་བྱས་ཏེ། ༢༠༠༢ལོའི་ཟླ་དྲུག་པར་བོད་ཀྱི་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་སློབ་རམས་པའི་དམ་བཅའ་བཞག  ལོ་དེའི་སྤྱི་ཟླ་བརྒྱད་པར་དཔའ་རིས་རྫོང་ཆུ་ཆ་སློབ་གྲྭ་ནས་བོད་ཀྱི་སྐད་ཡིག་གི་དགེ་རྒན་གྱི་འགན་འཁུར་ཏེ་ལས་གནས་ལ་ཐོག་མར་ཞུགས།དེ་ནས་ལོ་ངོ་དྲུག་གི་རིང་ལ་སྤྱིར་རྒྱལ་ཁབ་དང་སྒོས་སུ་བོད་མི་རིགས་ལ་ཞབས་ཞུ་བསྒྲུབ་པའི་མོས་འདུན་དྲག་པོ་ཞིག་གིས་དམའ་འབྲིང་དང་སློབ་ཆུང་གི་འཛིན་གྲྭ་དུ་མ་ལ་བོད་ཀྱི་སྐད་ཡིག་གི་སློབ་ཁྲིད་ནན་ཏན་གྱིས་བྱས་ཏེ་དགེ་སློབ་རྣམས་ཀྱི་དགའ་བསུ་དང་གདེང་འཇོག་མི་དམན་པ་ཐོབ།  རང་ཉིད་ཀྱི་ཕུགས་འདུན་དང་ཡོན་ཚད་ཇེ་མཐོར་གཏོང་བའི་ཆེད་དུ་སློབ་ཁྲིད་ཀྱི་ཞོར་ལ་གྲ་སྒྲིག་ལེགས་པོ་བྱས་རྗེས།༢༠༠༨ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་གེ་སར་ཞིབ་འཇུག་གླིང་གི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་སོང་།དེ་ནས་བགྲང་བྱ་གསུམ་གྱི་རིང་ལ་བོད་ཀྱི་རིག་གནས་སྤྱི་དང་སྒོས་སུ་གེ་སར་རིག་པའི་གནས་ལ་སྦྱང་བ་དཔྱིས་ཕྱིན་པ་བྱས་ཏེ།༢༠༡༡ལོའི་ཟླ༦པར་ལོ་རྒྱུས་ཡིག་ཚང་རིག་པའི་ཆེད་ལས་ཀྱི་ཤེས་རམས་པའི་དམ་བཅའ་བཞག  ལོ་དེའི་ཟླ༩བ་ནས་༢༠༡༤ལོའི་ཟླ༧པའི་བར་དུ་ལོ་ངོ་གསུམ་གྱི་རིང་ལ་དཔའ་རིས་རྫོང་མི་རིགས་སློབ་འབྲིང་ནས་བོད་ཀྱི་སྐད་ཡིག་གི་དགེ་རྒན་གྱི་འགན་འཁུར།  ༢༠༡༤ལོའི་ཟླ༩བ་ནས་ད་བར་དུ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་ནས་དགེ་རྒན་བྱས་ཏེ།  གཙོ་བོ་བོད་ཡིག་རྨང་གཞི་འཛིན་གྲྭའི་བོད་སྐད་ཀྱི་ཁ་བརྡ་དང་བོད་སྐད་ཀྱི་མཐོང་ཐོས།བོད་ཀྱི་དག་ཡིག་རིག་པ། བོད་ཀྱི་ལོ་རྒྱུས་རིག་པ་སོགས་འཁྲིད་བཞིན་ཡོད་དོ། །

གཟེངས་བསྟོད་དང་བྱ་དགའི་སྐོར།

༡༩༩༩ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་བོད་ཀྱི་རིག་གནས་ཞེས་པའི་གཟེངས་རྟགས་ཐོབ།༢༠༠༣ལོའི་ཟླ༦པར་དཔའ་རིས་རྫོང་གི་༢༠༠༣ལོའི་སློབ་ཆུང་སློབ་ཁྲིད་འགྲན་སྡུར་ཁྲོད་དུ་བྱ་དགའ་ཨང་གསུམ་པ་དང་།  ལོ་དེའི་ཟླ༡༡པར་༢༠༠༣ལོའི་རྫོང་ཡོངས་ཀྱི་དམའ་འབྲིང་སློབ་ཁྲིད་འགྲན་སྡུར་ཁྲོད་དུ་བྱ་དགའ་ཨང་གསུམ་པ་ཐོབ།༢༠༠༥ལོའི་ཟླ༤བར་མཆོད་རྟེན་ཐང་སློབ་ཁུལ་གྱི་༢༠༠༤ནས༢༠༠༥ལོའི་སློབ་སྐབས་དང་བོའི་མཇུག་རྒྱུགས་ཞིབ་བཤེར་ཁྲོད་དུ་ལོ་རིམ་བདུན་པའི་བོད་སྐད་ཡིག་གི་རྒྱུགས་འབྲས་ཕུལ་བྱུང་ཅན་ཞེས་པའི་གཟེངས་བསྟོད་ཐོབ།༢༠༡༠ལོའི་ཟླ༤བར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མའི་རིག་གཞུང་དཔྱད་རྩོམ་འགྲན་སྡུར་སྐབས་བཞི་བའི་ཁྲོད་དུ་བྱ་དགའ་ཨང་གསུམ་པ་ཐོབ།༢༠༡༢ལོའི་ཟླ༡༡པར་སློབ་གྲྭ་རིམ་པའི་སློབ་ཁྲིད་འགྲན་སྡུར་ཁྲོད་བྱ་དགའ་ཕུལ་བྱུང་ཅན་དང་།  ལོ་དེའི་ཟླ༡༢པར་རྫོང་ཡོངས་ཀྱི་སློབ་འབྲིང་བོད་ཡིག་དགེ་རྒན་གྱི་སློབ་ཁྲིད་འགྲན་སྡུར་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ།༢༠༡༤ལོ་ནས་༢༠༡༩ལོའི་བར་དུ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དངོས་གཞི་སློབ་མའི་མཛུབ་སྟོན་དགེ་རྒན་ཕུལ་བྱུང་ཅན་ཞེས་པར་ཐེངས་གསུམ་ལ་བདམས་པ་རེད།

དཔྱད་རྩོམ་གྱི་སྐོར།

༢༠༡༠ལོར་གླིང་གེ་སར་རྒྱལ་བོའི་སྒྲུང་ལས་ཟློས་སྒྲའི་མིང་གི་ཁྱད་ཆོས་ལ་རགས་ཙམ་དཔྱད་པ་ཞེས་པ༼མང་ཚོགས་སྒྱུ་རྩལ༽༢༠༡༠ལོའི་དེབ་དང་བོར་བཀོད། ལོ་དེར་གླིང་སྒྲུང་ལས་ཟློས་སྒྲའི་མིང་གི་རིགས་དང་ཁྱད་ཆོས་ལ་དཔྱད་པ་ཞེས་པ༼ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ༽བོད་ཡིག་མ༢༠༡༠ལོའི་དེབ་དང་བོའི་སྟེང་དུ་བཀོད། ༢༠༡༡ལོའི་ཟླ༡༢པར་གེ་སར་སྒྲུང་གིས་དཔའ་རིས་ཀྱི་དམངས་གླུ་ལ་ཐེབས་པའི་ཤུགས་རྐྱེན་སྐོར་ལ་རགས་ཙམ་དཔྱད་པ་ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བའི༼གེ་སར་ཞིབ་འཇུག་གི་དཔྱད་རྩོམ་ཕྱོགས་བསྒྲིགས༽ཞེས་པའི་ནང་དུ་བཀོད།༢༠༡༠ལོར་བོད་ཁུལ་གྱི་གྲོང་ཁྱེར་དུ་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཀྱི་གནས་བབ་ལ་རགས་ཙམ་དཔྱད་པ་ཞེས་པ༼བོད་ཀྱི་སློབ་གསོ༽༢༠༡༠ལོའི་དེབ་བཞི་བའི་སྟེང་དུ་བཀོད།༢༠༡༡ལོར་ཆའང་ཞེས་པའི་ཐ་སྙད་ཀྱི་ཁུངས་ལ་རགས་ཙམ་དཔྱད་པ་ཞེས་པ༼ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ༽༢༠༡༡ལོའི་དེབ་གཉིས་པར་བཀོད།༢༠༡༤ལོའི་ཟླ༤བར་གེ་སར་སྒྲུང་ལས་ཟློས་སྒྲའི་མིང་གི་ཁྱད་ཆོས་དང་ནུས་པ་ལ་དཔྱད་པ་ཞེས་པ༼ཀྲུང་གོའི་བོད་རིག་པ༽༢༠༡༤ལོའི་དེབ་དང་བོའི་སྟེང་དུ་སྤེལ་ལོ།།

ལས་གཞིའི་སྐོར།

༢༠༡༠ལོ་ནས་༢༠༡༡ལོའི་བར་དུ་གླིང་གེ་སར་རྒྱལ་བོའི་སྒྲུང་ལས་ཟློས་སྒྲའི་མིང་གི་ཞིབ་འཇུག་ཅེས་པ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མའི་རིག་གཞུང་ཞིབ་འཇུག་དང་གསར་གཏོད་ཅེས་པའི་ལས་གཞིའི་འགན་འཁུར།༢༠༡༠ལོའི་ཟླ༡༡པར་བོད་ཀྱི་ཡུལ་སྐད་རྟོག་དཔྱོད་ཀྱི་སྒྲ་ལྡན་དཔྱད་གཞི་འཛུགས་སྐྲུན་ཞིབ་འཇུག་ཅེས་པ་རྒྱལ་ཁབ་སློབ་གསོ་པུའི་སྤྱི་ཚོགས་རིག་གཞུང་ཞིབ་འཇུག་གི་ལས་གཞིའི་ནང་དུ་ཞུགས་པ་ཡིན་ནོ།

【个人简介】

王藏毛草,女,藏族,1978年生,甘肃天祝人。2002年7月参加工作。现为西北民族大学藏语言文化学院讲师。1998年9—2002年6在西北民族大学藏语言文化学院就读本科,获中国少数民族语言文学学士学位;2002年8月—2008年7月在天祝县天堂学区任教;2008年9月—2011年6月在西北民族大学格萨尔研究院就读硕士研究生,获历史文献学硕士学位。2011年9月—2014年7月在天祝县民族中学任教;2014年9月至今在西北民族大学藏语言文化学院任教。以历史文献学为研究方向,主要担任藏语基础班的“藏语会话”、“藏语视听”、“正字学”、“藏族历史”等课程的教学任务。

【获奖】

2003年6月获得天祝县二〇〇三年小学课堂评优活动(藏语文学科)中荣获三等奖、2003年11月获得二〇〇三年全县中学课堂教学评优活动中荣获三等奖、2005年4月被评为2004-2005学年度第一学期期末学区抽考中七年级藏语文成绩优异获得者、2010年4月获得西北民族大学第四届“求知杯”研究生学术论文大赛中三等奖、2012年11月在校级交流赛课活动中获得优胜奖、2012年12月在全县中学藏语文教师教学技能大赛中荣获二等奖等。

【论文】

1.浅谈《格萨尔传》中的语言重叠,《群文天地》2010年第二期。

2.也谈格萨尔中重叠词的类型和特征,西北民族大学学报(藏文版),2010年第一期。

3.格萨尔王传对华锐民歌的影响,《格萨尔论文集》甘肃民族出版社,2011年12月;

4.浅析藏区城镇使用藏语文的状况,《西藏教育》2010年第四期。

5.“羌”的词源考,西北民族大学学报(藏文版),2011年第二期;

6. 浅谈《格萨尔王传》中重叠词的特点及作用.《中国藏学》. 2014年第1期。

项目:

1.  本人主持了题目为“《格萨尔王传》中的重叠词研究”的西北民族大学研究生科研创新项目。(已结项)

2.  本人参加了题目为“藏语方言有声资料库建设研究”的国家教育部社会科学研究项目。10yjc740089。 (已结项)

 


】【打印繁体】【关闭
分享到QQ空间
分享到: 

Copyright©2019 Inc. All Rights Reserved. 西北民族大学 版权所有 办公室电话:0931-2938178 地址:甘肃省兰州市西北新村1号