您现在所在的位置: 首页>学院动态
学院动态

藏语言文化学院举办翻译论坛暨捐书仪式
发表时间: Jun 28, 2019 阅读数:226【

༢༠༡༩ལོའི་ཟླ༠༦པའི་ཚེས་༢༣ཉིན་གྱི་དགོང་མོའི་ཆུ་ཚོད་བདུན་དང་ཕྱེད་ཀར།ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གིས་ལོ་ཙཱའི་གླེང་སྟེགས་དང་འགྱུར་དེབ་གནང་སྦྱིན་གྱི་བྱེད་སྒོ་སྤེལ། སློབ་གླིང་གི་དགེ་རྒན་སྟག་འབུམ་རྒྱལ་དང་།<<ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་ཐོ་རེངས་ཆུ་ཚོད་བཞི་དང་ཕྱེད་ཀ>>བོད་ཡིག་ཏུ་སྒྱུར་མཁན་སློབ་གྲོགས་རུ་མང་ཀླུ་མཁར་རྒྱལ་དང་། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་ལོ་ཙཱ་མཐུན་ཚོགས་ཀྱི་ཚོགས་མི་དཀོན་མཆོག་དཔལ་དང་ཐུབ་བསྟན་བཀྲ་ཤིས།རང་རེའི་སློབ་གླིང་གི་རྒྱ་བོད་ལོ་ཙཱ་མཐུན་ཚོགས་ཀྱི་ཚོགས་མི་དང་བཅས་མི་༦༠ལྷག་བྱེད་སྒོར་ཞུགས

      

    འགྱུར་དེབ་གནང་སྦྱིན་མཛད་སྒོར།སློབ་གྲོགས་ཀླུ་མཁར་རྒྱལ་དང་སྐལ་བཟང་སྐྱབས་སོགསཀྱིས་ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་ཐོ་རེངས་ཆུ་ཚོད་བཞི་དང་ཕྱེད་ཀ་ཞེས་པ་དང་།ཡིད་རྟོན་ནི་ཚེ་སྲོག་གི་ཉི་འོད་འདྲ་ཞེས་པ།ཆིན་ཧྭ་སློབ་གྲྭ་ཆེན་མོས་འོས་སྦྱོར་བྱས་པའི་བསྟན་བཅོས་གྲགས་ཅན་བརྒྱད་ཅུ་ཞེས་པ་སོགས་བསྡོམས་འགྱུར་དེབ་བརྒྱ་ལྔ་བཅུ་ལྷག་གནང་སྦྱིན་བྱས།

     

     ལོ་ཙཱའི་གླེང་སྟེགས་ཀྱི་སྐབས་སློབ་གྲོགས་དྲུག་གིས་སྔ་ཕྱིར་གཏམ་བཤད་བྱས།  རུ་མང་ཀླུ་མཁར་རྒྱལ་གྱིས་<<ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་ཐོ་རེངས་ཆུ་ཚོད་བཞི་དང་ཕྱེད་ཀ>>ཞེས་པ་བོད་འགྱུར་གྱི་ལོ་ཙཱའི་ཉམས་མྱོང་ཐན་ཐུན་དང་འབྲེལ་དེ་གཏམ་བཤད་པ་དང་།སློབ་གྲོགས་སྐལ་བཟང་སྐྱབས་ཀྱིས་རང་གི་ལོ་ཁ་ཤས་རིང་གི་ལོ་ཙཱའི་ཉམས་མྱོང་སྐོར་རགས་ཙམ་གླེངདེ་ནས་སློབ་གྲོགས་དཀོན་མཆོག་དཔལ་གྱིས་འཇིག་རྟེན་མིག་གྱུར་ལོ་ཙཱ་བ་རིན་ཆེན་བཟང་པོའི་རྣམ་ཐར་བཀླགས་པའི་བློ་བསྐྱེད་ཅུང་ཙམ་བརྗོད་པ་ཞེས་པ་དང་།སློབ་གྲོགས་གུ་རུ་རྡོ་རྗེས་དུས་རབས་གསར་བའི་རྒྱ་བོད་ལོ་ཙཱའི་གནས་བབས་སྐོར་རགས་ཙམ་བཤད་པ་ཞེས་པ།  སློབ་གྲོགས་ཐུབ་བསྟན་བཀྲ་ཤིས་ཀྱིས་ལོ་ཙཱ་དང་འབྲེལ་ཏེ་ལྕམ་མོ་ཞེས་པའི་ཐ་སྙད་སྐོར་རོབ་ཙམ་བརྗོད་པ་ཞེས་པ་སོགས་བརྗོད་གཞི་དུ་མའི་ཐད་ནས་བགྲོ་གླེང་བྱས་པ་དང་། སློབ་གྲོགས་བཙུན་ཐར་ཚེ་རིང་གིས་མཐུན་ཚོགས་ཀྱི་བྱ་བའི་ཕྱོགས་ནས་ངོ་སྤྲོད་དང་སྙན་ཞུ་བྱས།  ཟུར་ཞུགས་ཀྱི་སློབ་མ་ཚོས་གོང་གི་གཏམ་བཤད་དང་འབྲེལ་ནས་དྲི་བ་དྲིས་ལན་གྱི་ཚུལ་དུ་ཉམས་མྱོང་བརྗེ་རེས་བྱས་མཐར།དགེ་རྒན་སྟག་འབུམ་རྒྱལ་གྱིས་སྤྱི་སྡོམ་གསུང་བཤད་གནང་།

          ཐེངས་འདིའི་ལོ་ཙཱའི་འགྲན་སྡུར་སྤེལ་བ་དེས། མི་རིགས་སློབ་ཆེན་སོ་སོའི་སློབ་མའི་བར་འབྲེལ་འདྲིས་ཇེ་ཟབ་དང་། ལོ་ཙཱའི་ཉམས་མྱོང་བརྗེ་རེས།ཕན་ཚུན་ལ་སློབ་སྦྱོང་དང་མིག་དཔེ་བལྟས་ནས་སློབ་རའི་རིག་གནས་སྣ་མང་ཕུན་ཚོགས་སུ་གཏོང་བར་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཡོད་པར་མ་ཟད། སློབ་ཆེན་པའི་ལོ་ཙཱའི་གཞུང་ལུགས་ཀྱི་ཆུ་ཚད་མཐོར་འདེགས་དང་། སྤྱི་ཚོགས་འབྲེལ་འདྲིས་ཀྱི་ནུས་པ་གསོ་སྐྱོང་།མཉམ་ལས་ཡར་སྐྱེད་ཀྱི་ལམ་སྣ་གསར་འབྱེད་སོགས་ལའང་དོན་སྙིང་དང་རིན་ཐང་ངེས་ཅན་མཆིས་སོ


     623日晚七点半,汉藏翻译协会在榆中校区举办了翻译论坛暨译作捐赠仪式。青海民族大学藏学院翻译协会负责人、《哈佛大学凌晨四点半》的藏译者冷格日加同学,青海民族大学藏学院翻译协会成员公却化同学、土登扎西同学,甘肃桑博扎文化有限责任公司负责人、学院部分老师、协会成员为主的60余人参加了活动。

    在译作捐赠仪式上,冷格日加等同学分别将《哈佛大学凌晨四点半》、《我相信我自己》和《清华大学推荐书目》藏译版等共计150余本捐赠给学院。

   随后举行的翻译论坛上,先后由冷格日加6位同学分别以“《哈佛大学的凌晨四点半》藏译过程、“漫谈翻译心得”、“《仁钦桑布译师传》读后感”、“新时代汉藏翻译现状”、姜姆一词的含义及其译法”等为题作了发言和互动交流。增太才让同学介绍了学院藏汉翻译协会近期工作开展情况。斗本加老师对活动作了简要总结。

    此次活动,为两所兄弟院校翻译专业本科生之间搭建了互相学习交流的平台,也为今后继续开展相关专业领域的交流合作开好了头。同时为巩固翻译专业本科生翻译理论基础、提升翻译能力素质方面起到了促进作用。 




】【打印繁体】【关闭
分享到QQ空间
分享到: 

Copyright©2019 Inc. All Rights Reserved. 西北民族大学 版权所有 办公室电话:0931-2938178 地址:甘肃省兰州市西北新村1号