您现在所在的位置: 首页>学院动态
学院动态

藏语言文化学院举办毕业生考研经验交流会
发表时间: Jun 26, 2019 阅读数:375【

 སྤྱི་ལོ༢༠༡༩ལོའི་ཟླ༦པའི་ཚེས༢༥ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་གཅིག་པར།བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གིས་ལོ་རྗེས་མར་ཤེས་རམས་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་འདོད་ཡོད་པའི་སློབ་གྲོགས་དག་ལ་ཆེད་དམིགས་སྒོས་༢༠༡༦ལོའི་འཛིན་གྲྭ་ཡོངས་ཀྱིས་འགན་སྒྲུབ་བྱས་ཏེ།༢༠༡༩ལོར་གཡུར་དུ་ཟ་བའི་འབྲས་བཟང་གིས་མི་རིགས་སློབ་གྲྭ་སོ་སོའི་ཤེས་རམས་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་ཟིན་པའི་སློབ་གྲོགས་ལྔ་གདན་དྲངས་ནས་རྒྱུགས་སྤྲོད་ཉམས་མྱོང་བརྗེ་རེས་ཀྱི་བྱེད་སྒོ་སྤེལ།བོད་ཀྱི་སྐད་ཡིག་རིག་ནས་སློབ་གླིང་གི་དགེ་རྒན་ཕྱག་རྡོར་སྐྱབས་དང་༢༠༡༦ལོའི་སློབ་གྲོགས་ཡོངས་གཙོ་བྱས་པའི་ལོ་རིམ་གཞན་པའི་སློབ་གྲོགས་ཁ་ཤས་བཅས་ཁྱོན་སྡོམ་མི་སུམ་བརྒྱ་ཡས་མས་ཐེངས་འདིའི་བྱེད་སྒོར་ཞུགས།བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་དགེ་རྒན་སྟག་བྷེས་བྱེད་སྒོར་མདོ་འཛིན་བྱས།

       ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སྐད་བརྡ་རིག་པ་དང་ཉེར་སྤྱོད་སྐད་བརྡ་རིག་པའི་ཆེད་ལས་ལ་རྒྱུགས་འཕྲོད་པའི་སློབ་གྲོགས་འབུམ་སྐྱབས་རྒྱལ་དང་།ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཆེད་ལས་ལ་རྒྱུགས་འཕྲོད་པའི་སློབ་གྲོགས་ཡུམ་སྐྱིད།ནུབ་བྱང་མི་རིགས་སློབ་ཆེན་གྱི་ཀྲུང་གོའི་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག་ཆེད་ལས་ལ་རྒྱུགས་འཕྲོད་པའི་སློབ་གྲོགས་ཀུན་བཟང་རྡོ་རྗེ།མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཆེད་ལས་ལ་རྒྱུགས་འཕྲོད་པའི་སློབ་གྲོགས་ཟླ་གཡང་མཚོ།བོད་ལྗོངས་སློབ་གྲྭ་ཆེན་མོའི་ཀྲུང་གོའི་གྲངས་ཉུང་མི་རིགས་ལོ་རྒྱུས་ཆེད་ལས་ལ་རྒྱུགས་འཕྲོད་པའི་སློབ་གྲོགས་བསམ་གཏན་རྒྱ་མཚོ་བཅས་སློབ་གྲོགས་ལྔ་ཡིས་སྔ་ཕྱིར་གོ་རིམ་བཞིན་རང་རང་གི་ཉམས་མྱོང་དང་སྦྱར་ནས།ཤེས་རམས་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་དགོས་པའི་གལ་ཆེན་རང་བཞིན་དང་དོན་སྙིང་། རྒྱུགས་མ་སྤྲད་སྔོན་གྱི་སློབ་གྲྭ་དང་ཆེད་ལས་གདམ་སྟངས་དང་།མིང་ཐོ་འགོད་ཚུལ། འབྲེལ་ཡོད་སློབ་གྲྭའི་ཆེད་ལས་དང་ཕྱོགས་བསྡུས་རྒྱུགས་གཞི། ཕྱི་སྐད་དམ་སྒྲ་རིག་པ།ཆབ་སྲིད་ཀྱི་རྒྱུགས་གཞི་བཅས་ལ་གྲ་སྒྲིག་བྱེད་སྟངས།བསྐྱར་རྒྱུགས་སུ་ཚུད་རྗེས་ཁ་རྒྱུགས་ལ་གྲ་སྒྲིག་བྱེད་སྟངས། རྒྱུགས་སྤྲོད་སྐབས་སེམས་ཁམས་སྙོམས་སྒྲིག་བྱེད་སྟངས་སོགས་ཕྱོགས་སོ་སོ་ནས་ཉམས་མྱོང་བརྗེ་རེས་ཀྱི་ཚུལ་དུ་བགྲོ་གླེང་ཞིབ་ཅིང་ཟབ་པ་བྱས།

       མཇུག་མཐར་སློབ་གྲོགས་ལྔ་བོར་བཀའ་དྲིན་མཚོན་བྱེད་དུ་ལེགས་སྐྱེས་སུ་དཔེ་དེབ་རེ་ཕུལ་ཏེ་བྱེད་སྒོ་ཡོངས་སུ་མཇུག་བསྒྲིལ།ཐེངས་འདིའི་བྱེད་སྒོ་བརྒྱུད་ནས་སློབ་གྲོགས་མང་པོ་ཞིག་གིས་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་འདོད་ཀྱི་བློ་སེམས་ཇེ་བརྟན་དང་ཡིད་ཆེས་ཇེ་ཆེ།རྒྱུགས་གཞི་ལ་གསལ་ཆ་ཇེ་ཡོད་དུ་གྱུར་བས་ཕྱོགས་ཡོངས་ནས་ཕན་ནུས་གལ་ཆེན་ཐོན། 

为了提高2020年我院考研率,6月25日上午11点,由藏语言文化学院主办,2016级各班联合承办的“藏语言文化学院2019年毕业生考研经验交流会”在公教楼202室举行。部分老师、2016、2017级学生约300余人参加本次交流会,交流会由学院辅导员德白老师主持。

本次考研已录取的优秀毕业生本杰加(西北民族大学语言学及应用语言学专业)、英吉(中央民族大学藏学专业)、更藏多杰(西北民族大学中国少数民族语言文学专业)、达扬措(青海民族大学藏学专业)、桑旦加措(西藏大学中国少数民族史专业)等5名同学,结合自己的经验,先后从考前学校选择、专业选择和网上报名时的注意事项,各专业和综合题、外语或梵文、政治等三大科目的考试技巧,以及相关资料的搜集和复习方法,进入复试后在面试过程中需要注意的细节等方面做了详细的介绍和探讨。

通过这次考研经验交流会,即将参加2020年考研的同学们对考研有了更好的了解,增强了同学们对考研的信心和把握,交流会达到了预期的效果。



】【打印繁体】【关闭
分享到QQ空间
分享到: 

Copyright©2019 Inc. All Rights Reserved. 西北民族大学 版权所有 办公室电话:0931-2938178 地址:甘肃省兰州市西北新村1号